Saturday 20 October 2012

དགུན་དུས།
















འདབ་ལྡན་ལྕུག་ཕྲན་གྲངས་བའི་གཡུལ་དུ་ཤི།  
ལྗོན་པའི་ཚོགས་ཀྱང་གོས་མེད་བགྲེས་མོའི་ཟླ།  
འབབ་ལྡན་མ་རྣམས་མི་སྨྲའི་བརྟུལ་ཞུགས་ཟིན།  
དགུན་གྱི་དུས་འདི་རྣམ་དཀར་མིན་པའི་འབྲས།      
།ཁ་བའི་འདབ་མ་གཏུམ་མོའི་མེ་ཡིས་བཞུས།  
བུ་ཡུག་མདའ་མཚོན་རས་དཀར་འདབ་ཀྱིས་བསུ།  
བཀྲེས་པའི་རེག་བྱ་བསམ་གཏན་ཟས་ཀྱིས་མནན།   
རོ་སྙོམས་གྲུབ་པའི་དབང་ཕྱུག་ཐོས་པ་དགའ།

No comments:

Post a Comment